==== भारतीय प्रचलित भाषा जिनके एक लाख से दस लाख वक्ता (३०-६०) - "खुशखबरी", "जीवन के शब्द", "इँजील गीत" / / INDIAN POPULAR LANGUAGES THAT HAVE 100,000 TO ONE MILLION SPEAKERS(FROM No.30 TO No.60) - "GOOD NEWS", "WORDS OF LIFE", "GOSPEL SONGS"====
==== भारतीय प्रचलित भाषा जिनके एक लाख से दस लाख वक्ता (३०-६०) - "खुशखबरी", "जीवन के शब्द", "इँजील गीत" / / INDIAN POPULAR LANGUAGES THAT HAVE 100,000 TO ONE MILLION SPEAKERS(FROM No.30 TO No.60) - "GOOD NEWS", "WORDS OF LIFE", "GOSPEL SONGS"====
Tze-John Liu
[59]. Ladakhi Language- "The Prodigal Son".mp3
3 minutes Posted Sep 14, 2023 at 12:35 am.
-111ངའེ༌ སྤུན༌གུན༌ ཏ༌ ང༌ ཁྱོ༌ཞ༌གུན༌ལ༌ ངའེ༌ སྔུན༌ལ༌ ཤད༌ཁན༌ནི༌ གའ༌མོའེ༌ ནས༌ཚུལ༌ལི༌ སྐོར༌ལ༌ ཨིད༌ཏུ༌ སྐུལ༌ཅུག༌ཤིག༌། ཏེ༌ ཟ༌ནེ༌ ཁྱོ༌ཞ༌གུན༌ནི༌ ཏེ༌ ནས༌ཚུལ༌བོའ༌ གའ༌སུས༌ ཞུས༌ཏེ༌ ཨིན༌པིན༌, ཡང༌ ཏ༌རུང༌ངའང༌ ཏེ༌བོའེ༌ ནང༌ང༌ སྟན༌པོ༌ ཨིན༌ནོག༌། 2ཀལ༌ཏེས༌ ཁྱོ༌ཞ༌གུན༌ནི༌ ངའེ༌ ཤད༌ཁན༌ནི༌ གའ༌མོའེ༌ ནས༌ཚུལ༌ ཨིད༌ཤེས༌ ཅོས༌ཁན༌བོའེ༌ ནང༌ང༌ སྟན༌པོ༌ དུག༌ན༌, ཏེ༌ནེ༌ ཏེ༌ ལོན༌བོའེ༌ ཁྱོ༌ཞ༌གུན༌ སྐྱོབ༌ཨིན༌, ཏེ༌ མ༌ནེ༌ ཁྱོ༌ཞ༌གུན༌ནི༌ ཅའང༌ ཕན༌ཐོགས༌ མེད༌ཁན༌ཞིག༌གི༌ ནང༌ང༌ ཏད༌པ༌ ཅོས༌ཏེ༌ ཨིན༌ནོག༌།3ངའེ༌ ལག༌ག༌ སྟད༌ད༌ ཛད༌ཁན༌ ཚང༌མའེ༌སང༌ ཁག༌ཅན༌བོ༌, ངའེ༌ ཁྱོ༌ཞ༌གུན༌ལ༌ ཏངས༌ཏེ༌ ཨིན༌པིན༌, ཏམ༌པའེ༌ སུང༌རབས༌སི༌ ནང༌ང༌ མོལ༌ཏེ༌ ཡོད༌ཁན༌ ནང༌ཞིན༌ལ༌ ཏེ༌བོ༌ ནི༌ མ༌ཤི༌ཀ༌ ང༌དང༌གུན༌ནི༌ སྡིག༌པའེ༌ ཕིའ༌ ཀྲོངས༌ས༌ ཛདས༌། 4ཡང༌ ཏམ༌པའེ༌ སུང༌རབས༌ ནང༌ཞིན༌ ཁོང༌ སྤུར༌ཁང༌ངི༌ ནང༌ང༌ བོརས༌ ཡང༌ ཞག༌མ༌ སུམ༌པའེ༌ ཞག༌ག༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌ཏེའ༌ ཞངས༌། 5ཁོང༌ ཏང༌པོ༌ པི༌ཏྲར༌རི༌, ཏེ༌ནེ༌ མ༌ཤི༌ཀའེ༌ སྐུ༌ཚབས༌ རྕུག༌ཉིས༌པོའེ༌ ཇལ༌ཏེ༌ ཨིན༌པིན༌། 6ཏེ༌བོའེ༌ སྟིང༌ནེ༌ ཏུས༌ཅིག༌གི༌ཀ༌ ཁོང༌རང༌ངི༌ ལོབ༌ཕྲུགས༌ 500 སང༌ མང༌ང༌ཞིག༌གི༌ ཇལས༌, ཏེ༌གུན༌ནི༌ ཕྲོ༌ནེ༌ ཁ༌ཅིག༌ ཀྲོངས༌ ཚར༌ཏེ༌ ཨིན༌ནའང༌ མང༌ཆེའ༌ཞིག༌ ཏ༌རུང༌ངའང༌ སོན༌ཏེའ༌ ཡོད༌ཏེ༌ ཨིན༌ནོག༌། 7ཏེ༌ནེ༌ ཁོང༌ ཁོང༌རང༌ངི༌ ནོ༌ ཡ༌ཀོབ༌, ཡང༌ སྟིང༌ནེ༌ སྐུ༌ཚབས༌ ཚང༌མའེ༌ ཇལ༌ཏེ༌ ཨིན༌པིན༌། 8ཨིན༌ནའང༌ སྟིང༌ཇུག༌ག༌ སེམས༌ཉིད༌དི༌ ནང༌ང༌ ཡམ༌ཚན༌ ཚུལ༌ལ༌ སྐྱེས༌ཁན༌ ངེའང༌ ཁོང༌ ཇལ༌། 9ང༌ སྐུ༌ཚབས༌ ཚང༌མའེ༌ ནང༌ནེ༌ ཐུ༌ཤོག༌པོ༌ ཨིན༌། ངའེ༌ དཀོན༌མཆོག༌གི༌ ཆོས༌ཚོགས༌གུན༌ལ༌ ནགས༌ སྟན༌ པ༌སང༌, ང༌ སྐུ༌ཚབས༌ ཟེར༌ཅེས༌སི༌ འོས༌པའང༌ མེད༌།10ཨིན༌ནའང༌ དག༌ས༌ ང༌ ཡོད༌ཁན༌བོ༌ ནི༌, དཀོན༌མཆོག༌གི༌ ངའེ༌ཀ༌ མིག༌སལ༌ལི༌ ཐུག༌རྗེ༌གུན༌ ཕོའ༌ ཛད༌ཅེས༌པོའེ༌ ཨིན༌, ཡང༌ ཏེ༌བོ༌ གོད༌ལ༌ སོང༌ཏེ༌ མ༌ནོག༌། ཅིའ༌ཟེར༌ན༌ ངའེ༌ ཞན༌ཡང༌ སྐུ༌ཚབས༌གུན༌ནི༌ སང༌ རྩོན༌གྲུས༌ མང༌ང༌ ཅོས༌ཏེ༌ ལས༌ ཅོའད༌། ཨིན༌ནའང༌ ཏེ༌བོ༌ ང༌ མན༌པ༌, དཀོན༌མཆོག༌གི༌ ཁོང༌རང༌ངི༌ ཐུག༌རྗེ༌ གྱུད༌ཏེ༌, ངའེ༌ ནང༌ང༌ ཆག༌ལས༌ ཛད༌ཏེ༌ ཨིན༌ནོག༌། 11ངའེ༌ ཆོས༌ཤད༌དད༌གྲོ༌ ཡ༌ ཁོང༌གུན༌ནི༌, ཅའང༌ ཁྱད༌ མེད༌པ༌ ཨིན༌ནོག༌, ཅིའ༌ཟེར༌ན༌ ང༌ཞའ༌ ཚང༌མའེ༌ ཆོས༌ ཙོགས༌ ཤད༌ད༌ནོག༌, ཀ༌བོའ༌ ཁྱོ༌ཞ༌གུན༌ནི༌ ཏད༌པ༌ ཅོས༌ཏེ༌ ཨིན༌ནོག༌།
0:00
3:04
Download MP3
Show notes
[59]. लद्दाखी भाषा- "द प्रोडिगल सन" .mp3 //ཀོ༌རིན༌ཐི༌པ༌ 1 15 - མ༌ཤི༌ཀ༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ ཞངས༌ས༌ ཛདས༌།: